普世社会科学研究网 >> 案例选编
 
僧人诉寺庙未签劳动合同要求支付二倍工资
发布时间: 2022/1/14日    【字体:
作者:拉姆说法
关键词:  僧人 寺庙 劳动合同  
 
 
སྒོམ་སྒྲུབ་བཙུན་པས་དགོན་པས་ངལ་རྩོལ་གན་རྒྱ་མ་བཞག་པར་ཞུ་གཏུག་ཕུལ་ནས་གླ་ཆ་ཉིས་ལོག་སྤྲོད་དགོས་པའི་རེ་འདུན་བཏོན་པ།
 
修行僧人诉寺庙未签劳动合同要求支付二倍工资。
 
ཀོང་ཏུང་ཞིང་ཆེན་ཧྥོ་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་(2015)ཧྥོ་འབྲིང་ཁྲིམས་དམངས་དང་པོ་མཐའ་ཡིག་ཨང་101གི་དམངས་དོན་ཁྲུན་ཁྲ།
 
广东省佛山市中级人民法院(2015)佛中法民一终字第101号民事裁定书
 
གོང་གཏུག་འབུལ་མཁན་བཙུན་པས་ཁྲིམས་ཁང་ལ་གོང་གཏུག་ཕོག་མཁན་རིན་ཆེན་རྩེ་དགོན་པས་༢༠༡༤ལོའི་ཟླ་དང་པོ་དང་ཟླ་བ་ལྔ་བའི་གླ་ཕོག་སྒོར་6400གསབ་འཇལ་བྱ་རྒྱུ་དང་། ངལ་རྩོལ་གན་རྒྱ་མ་བཞག་པའི་གུན་གསབ་སྒོར་17000སྤྲོད་རྒྱུ་མ་ཟད། གང་དེར་གྱོད་གཞི་འདིའི་གཏུག་བཤེར་ལ་ཞུགས་ནས་བཟོས་པའི་གྱོང་གུན་སྒོར་2000གསབ་དགོས་པ་བཅས་ཀྱི་ཁྲ་མ་རྒྱུགས་རོགས་ཞེས་རེ་འདུན་བཏོན་ཡོད།
 
上诉人僧人请求法院判令被上诉人宝峰寺补发2014年1月和5月工资6400元、支付未签订劳动合同的赔偿金17000元并赔偿其因参与本案诉讼造成的损失2000元。
 
ངེད་ཁྲིམས་ཁང་གིས་ངོས་འཛིན་བྱས་པ་འདི་ལྟར་ཏེ། གོང་གཏུག་འཁེལ་མཁན་རིན་ཆེན་རྩེ་དགོན་པས་རང་ཉིད་ནང་པའི་གནས་དགོན་ཞིག་ཡིན་པའི་ངོས་ནས་བཙུན་པ་སྣེ་ལེན་བྱས་པ་ནི་སྒོམ་སྒྲུབ་བཙུན་པར་དགོས་ངེས་ཀྱི་གནས་མལ་མཁོ་འདོན་དང་སྟབས་བདེ་སྐྲུན་པ་ལས་མི་གཞན་ལ་ངལ་རྩོལ་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་གཏན་ནས་མིན།གོང་གཏུག་འབུལ་མཁན་ཉིད་རབ་ཏུ་བྱུང་བའི་བཙུན་པ་ཡིན་པའི་ངོས་ནས་འདུལ་ཁྲིམས་གཙང་ཞིང་རང་མོས་ངང་རིན་ཆེན་རྩེ་དགོན་དུ་བཞུགས་པའི་དམིགས་ཡུལ་ནི་ནང་པའི་ཆོས་གཞུང་ཉམས་ལེན་བྱ་རྒྱུ་ཡིན་པ་ལས་ངལ་ནུས་གླ་ཐོབ་ལེན་པའི་ཀུན་སློང་ཡོད་པ་མིན། ཡང་གཅིག་བཤད་ན། དང་ཐོག་དགོན་པར་བཞུགས་པའི་དུས་སུ་ཕྱོགས་གཉིས་ཀས་ངལ་རྩོལ་གྱི་གླ་ཕོག་གམ་ཡང་ན་ངལ་ནུས་ཐོབ་ཆ་བཅས་ཀྱི་ཐད་ཁ་དན་ཅི་ཡང་བྱུང་མེད། དེར་བརྟེན་ཕྱོགས་གཉིས་པོའི་བར་ལ་ངལ་རྩོལ་ལམ་ངལ་ནུས་གན་རྒྱ་སོགས་ཀྱི་ཁྲིམས་ལུགས་འབྲེལ་བ་ཆགས་ཐུབ་མེད། རང་རྒྱལ་གྱིས་ནང་ཆོས་ཚུད་པའི་ཆོས་ལུགས་ཀུན་ལ་“རང་སྐྱོང་དང་། རང་གསོ། རང་སྤེལ་”གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། རིན་ཆེན་རྩེ་དགོན་པས་ཀྱང་འདྲ་མཚུངས་མཉམ་བགོས་ཀྱི་རྩ་དོན་ལྟར་བཙུན་པ་རྣམས་ལ་འཚོ་བའི་མཁོ་གྲོན་སྤྲོད་མིན་དང་ཇི་ལྟར་སྤྲོད་པ་བཅས་ནི་ཆོས་ལུགས་རྩ་འཛུགས་ཀྱི་“རང་སྐྱོང་”དང་“རང་གསོའི”ཁྱབ་ཁོངས་སུ་གཏོགས་ཡོད། དེར་བརྟེན་གྱོད་གཞི་འདིའི་རྩོད་གླེང་ཉིད་བཅའ་ཁྲིམས་ཀྱི་རིམ་པར་འཕགས་ནས་ཁྲིམས་ཀྱིས་ཐེ་ཇུས་བྱ་མི་འོས། ཕྱོགས་གཉིས་པོས་ཆོས་ཁྲིམས་ངེས་སྲོལ་དང་ནང་ཁུལ་གོམས་སྲོལ་ལྟར་ཐག་གཅོད་བྱས་ན་ཅུང་འོས་ཤིང་འཚམ་པར་མཐོང་།
 
本院认为,被上诉人宝峰寺作为佛教寺庙,接受僧人挂单,是为僧侣修行提供必要场所及便利条件,而非为他人提供劳动就业机会;上诉人作为出家僧人,持戒律至宝峰寺自愿挂单,目的乃为佛学修行,亦非出于赚取劳务报酬的动机;何况挂单之初,双方均未对劳动薪金或劳务报酬进行过任何约定。因此,双方之间不构成劳动或劳务合同等法律关系。我国对宗教包括佛教实行“自治、自养、自传”的政策,宝峰寺按照利同均的分配原则向僧人是否及如何发放一定的生活费用,属于宗教组织“自治”和“自养”的范畴。因此,本案纠纷不应上升至法律关系层面并加以司法干预,宜由双方遵循教义教规和内部习俗处理。
 
བཤེར་རིམ་སྔ་མའི་ཁྲིམས་ཁང་གིས་གྱོད་གཞི་འདིའི་རྩོད་གླེང་ཉིད་ནི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་པའི་དམངས་དོན་གཏུག་བཤེར་ཁྱབ་ཁོངས་སུ་མི་གཏོགས་པའི་རྒྱུ་མཚན་བསྙད་དེ་ཀྲའོ་ཅི་ཅིག་གི་ཞུ་གཏུག་ཕྱིར་སློག་བྱ་རྒྱུའི་ཁྲུན་བཅད་ནི་ཡང་དག་པ་ཡིན་སྟབས་ཁྲིམས་ཁང་འདི་པས་རྒྱབ་སྐྱོར་བྱས་མེད། མཐར་གོང་གཏུག་ཕྱིར་སློག་བྱས་ནས་སྔར་ཡོད་ཁྲུན་ཁྲ་སོར་འཇོག་བྱས་པ་བཅས་སོ།
 
原审法院以本案纠纷不属于人民法院受理民事诉讼范围为由裁定驳回赵某的起诉是正确的,本院予以维持。 驳回上诉,维持原裁定。
 
拉姆说法
【把文章分享到 推荐到抽屉推荐到抽屉 分享到网易微博 网易微博 腾讯微博 新浪微博搜狐微博
推荐文章
 
神圣罗马帝国“多元性”的“意义想象”及其制度表达 \王银宏
内容提要:古罗马帝国崩溃后的“帝国记忆”成为后世的“帝国想象”及其实践的重要基…
 
简论宗教信仰自由及其法治保障 \姚俊开
摘要:宗教信仰自由作为公民的一项基本人权,与有关国际公约一样,早已得到了我国法律…
 
哈罗德•J.伯尔曼:美国当代法律宗教学之父 \钟瑞华
摘要:美国著名法学家哈罗德·J.伯尔曼,因在法律与宗教跨学科研究领域的开拓性贡献而被…
 
清代西部宗教立法研究 ——以藏传佛教与伊斯兰教为中心 \田庆锋
摘要:宗教立法是国家有关宗教的政策和法律规范的统称。藏传佛教和伊斯兰教是清代中…
 
阿米什人争取教育权利的斗争与美国的宗教自由 ——以1972年威斯康星州诉约德案为中心 \尹栋
摘要:“阿米什人”是美国社会中的一个少数派宗教团体,他们自移民至北美殖民地以来,一…
 
 
近期文章
 
 
       上一篇文章:广东省基督教协会、广州文盛投资有限公司房屋买卖合同纠纷民事一审民事判决书
       下一篇文章:义乌市太平寺、义乌市人民政府福田街道办事处二审行政判决书
 
 
   
 
欢迎投稿:pushihuanyingnin@126.com
版权所有 Copyright© 2013-2014 普世社会科学研究网Pu Shi Institute For Social Science
声明:本网站不登载有悖于党的政策和国家法律、法规以及公共道德的内容。    
 
  京ICP备05050930号-1    京公网安备 11010802036807号    技术支持:北京麒麟新媒网络科技公司